티벳어 고전문법 22과 tcg-chapter-22

티벳어 고전문법 22과

tibetan-classic-grammar-22

N M 티벳어 단어
1 F སློབ་ཚན་ཉེར་གཉིས་པ།
2 F ༼ ཤིང་སྒྲ་བཤད་པ། ༽
3 S ལེགས་བཤད་ལྗོན་དབང་ལས།
4 C ས་མཐར་དམིགས་བསལ་ཞེས་མ་གཏོགས།།
5 C ཤིང་ ཤིག་ ཤེ་འོ་ ཤེ་ན་འཐོབ།།
6 C འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས།།
7 C མིང་གི་ཆ་དང་མ་ནོར་གཅེས།།
8 S ཞེས་གསུངས།
9 S ཚིག་ཕྲད་ཤིང་སོགས་ལ་ཕྲད་བཞི་ཡོད།
10 S ཤིང་སོགས་ཕྲད་བཞི་ནི།
11 S ཤིང་ ཤིག ཤེ་འོ་ ཤེ་ན་བཅས་སོ།།
12 S ཚིག་ཕྲད་ཤིང་ནི།
13 S ཚིག་སྔ་ཕྱི་མཚམས་སྦྱོར་བའི་ཆེད་དུ་བེད་སྤྱོད་གཏང་དགོས་པ་དང་གོང་དུ་བཤད་པའི་ཚིག་ཕྲད་ཞིང་དང་ཚིག་ཕྲད་ཅིང་གཉིས་དང་དོན་གཅིག་པ་ཡིན།
14 S ཚིག་ཕྲད་ཤིང་སྒྲའི་སྐབས་འདིར་ཕྲད་ཤེས་ཞེས་འབྲི་སྲོལ་མེད་པའི་རྒྱུ་མཚན་ནི།
15 S ཟེར་བའི་ཤེས་དང་གོ་ཤེས་ཀྱི་ཤེས་གཉིས་འདྲེས་ཉེན་དུ་དོགས་ནས་དེང་སང་ཕྲད་ཤེས་ཀྱི་ཚབ་ཏུ་དམིགས་བསལ་ཞེས་འབྲི་སྲོལ་ཡོད།
16 S ཚིག་ཕྲད་ཤིག་ནི།
17 S ཅ་ལག་སོགས་རེ་རེ་བ་དང༌།
18 S སྐབས་རེ་སྐུལ་ཚིག་ལའང་བེད་སྤྱོད་བཏང་བ་ཡོད།
19 S གོང་དུ་བཤད་པའི་ཕྲད་ཞིག་དང་ཕྲད་ཅིག་གཉིས་དང་དོན་གཅིག་པ་ཡིན།
20 S ཚིག་ཕྲད་ཤེ་འོ་ནི
21 S ཟེར་རོ་ཞེས་པའི་དོན་དང་འདྲ་བ་དང་གོང་དུ་བཤད་པའི་ཕྲད་ཞེ་འོ་དང་ཕྲད་ཅེ་འོ་གཉིས་དང་གཅིག་པ་ཡིན།
22 S ཚིག་ཕྲད་ཤེ་ན་ནི།
23 S ཟེར་ན་ཞེས་པའི་དོན་དང་འདྲ་བ་དང༌།
24 S གོང་དུ་བཤད་པའི་ཕྲད་ཞེ་ན་དང་ཕྲད་ཅེ་ན་གཉིས་དང་དོན་གཅིག་པ་ཡིན་ནོ།།
25 S དཔེར་ན།
26 S བུམ་པ་ཞེས་པའི་པ་དེ་བུམ་པའི་མིང་གི་ཆ་ཤས་ཡིན་པ་ནང་བཞིན་ཁ་ཅིག་ཅེས་པའི་ཅིག་དང༌།
27 S ལྷན་ཅིག་ཅེས་པའི་ཅིག་དང༌།
28 S ལན་ཅིག་ཅེས་པའི་ཅིག་དང༌།
29 S སྐབས་ཅིག་ཅེས་པའི་ཅིག་རྣམས་ཀྱང་མིང་གི་ཆ་ཤས་ཡིན་པས་ཚིག་ཕྲད་ཅིག་དང་མ་འདྲེས་མ་ནོར་བ་གནང་དགོས་སོ།།
30 E ༼ ཚིག་ཕྲད་ཤིང་སྒྲའི་རེའུ་མིག ༽
31 E ཨང༌། # རྗེས་འཇུག # ཚིག་ཕྲད། # དཔེར་བརྗོད།
32 E ༡ # ས་ # ཤིང༌། ཞེས། ཤེ་འོ། ཤེ་ན། ཤིག # བོད་ཡིག་ལེགས་པར་སྦྱངས་ཤིང་མཁས། / བོད་ཡིག་ལེགས་པར་སྦྱངས་ཞེས་གསུངས། / བོད་ཡིག་ལེགས་པར་སྦྱངས་ཤེ་འོ། བོད་ཡིག་ལེགས་པར་སྦྱངས་ཤེ་ན། / བོད་ཡིག་ལེགས་པར་སྦྱོངས་ཤིག