티벳어 고전문법 21과 tcg-chapter-21

티벳어 고전문법 21과

tibetan-classic-grammar-21

N M 티벳어 단어
1 F སློབ་ཚན་ཉེར་གཅིག་པ།
2 F ༼ ཅིང་སྒྲ་བཤད་པ། ༽
3 S ལེགས་བཤད་ལྗོན་དབང་ལས།
4 C ག་ ད་ བ་ དང་ ད་དྲག་མཐར།།
5 C ཅིང་ ཅེས་ ཅེ་འོ་ ཅེ་ན་ ཅིག།
6 S ཅེས་གསུངས།
7 S ཚིག་ཕྲད་ཅིང་སོགས་ལ་ཕྲད་ལྔ་ཡོད།
8 S ཅིང་སོགས་ཀྱི་ཕྲད་ལྔ་ནི།
9 S ཅིང༌ ཅེས ཅེ་འོ ཅེ་ན ཅིག་བཅས་སོ།།
10 S ཚིག་ཕྲད་ཅིང་ནི།
11 S ཚིག་སྔ་ཕྱི་མཚམས་སྦྱོར་བའི་དོན་དུ་བེད་སྤྱོད་གཏང་དགོས་པ་ཡིན།
12 S ཅེས་ཀྱི་དོན་ནི།  ཟེར་ཞེས་པའི་དོན་དང་འདྲ།
13 S ཅེ་འོ་ནི།  ཟེར་རོ་ཞེས་པའི་དོན་དང་འདྲ།
14 S ཅེ་ན་ནི།  ཟེར་ན་ཞེས་པའི་དོན་དང་འདྲ།
15 S ཅིག་ནི། ཅ་དངོས་སོགས་རེ་རེ་བ་དང༌།
16 S སྐབས་རེ་སྐུལ་ཚིག་དང་སྨོན་ཚིག་ལའང་བེད་སྤྱོད་བཏང་བ་ཡོད་དོ།།
17 S ཚིག་ཕྲད་ཅིང་སོགས་ལྔ་རྗེས་འཇུག་གང་གི་རྗེས་སུ་ཐོབ་ཚུལ་ནི།
18 S རྗེས་འཇུག་ ག་ ད་ བ་ ད་དྲག་བཅས་བཞིའི་རྗེས་སུ་འཐོབ་བོ།།
19 E ༼ ཚིག་ཕྲད་ཅིང་སྒྲའི་རེའུ་མིག ༽
20 E ཨང༌། # རྗེས་འཇུག # ཚིག་ཕྲད། # དཔེར་བརྗོད།
21 E ༡ # ག་ # ཅིང་། ཅེས། ཅེ་འོ། ཅེ་ན། ཅིག # རྩེད་མོ་བཞག་ཅིང་སློབ་སྦྱོང་བྱེད། / རྩེད་མོ་བཞག་ཅེས་བཀའ་སློབ་གནང༌། / དགེ་རྒན་གྱིས་རྩེད་མོ་བཞག་ཅེ་འོ། / དགེ་རྒན་གྱིས་རྩེད་མོ་བཞག་ཅེ་ན། / འཛིན་གྲྭའི་ནང་དུ་རྩེ་མོ་ཞོག་ཅིག
22 E ༢ # ད་ # ཅིང༌། ཅེས། ཅེ་འོ། ཅེ་ན། ཅིག # དྲང་པོ་བྱེད་ཅིང་སེམས་ཀྱང་སྐྱིད། / དྲང་པོ་བྱེད་ཅེས་ཀུན་གྱིས་བསྟོད། / ཁོང་གིས་ལས་དོན་དྲང་པོ་བྱེད་ཅེ་འོ།། / ཁོང་གིས་ལས་དོན་དྲང་པོ་བྱེད་ཅེ་ན། / གཞུང་མང་གི་ལས་དོན་དྲང་པོ་བྱེད་ཅིག
23 E ༣ # བ་ # ཅིང༌།   ཅེས། ཅེ་འོ། ཅེ་ན། ཅིག # མེ་ཏོག་གི་སོན་བཏབ་ཅིང་སྐྱེས། / མེ་ཏོག་གི་སོན་བཏབ་ཅེས་གཞན་ལ་ཟེར། / བཀྲ་ཤིས་ཀྱིས་མེ་ཏོག་གི་སོན་བཏབ་ཅེ་འོ། / བཀྲ་ཤིས་ཀྱིས་མེ་ཏོག་གི་སོན་བཏབ་ཅེ་ན། / མེ་ཏོག་གི་སོན་བཏབ་ཅིག་ནས་མེ་ཏོག་མང་པོ་ཤར།
24 E ༤ # ད་དྲག་ # ཅིང༌། ཅེས། ཅེ་འོ། ཅེ་ན། ཅིག # བོད་ལ་ཕྱིནད་ཅིང་ཡབ་ཡུམ་མཇལ། / བོད་ལ་ཕྱིནད་ཅེས་ལྗགས་ལན་ཕུལ། / བཀྲ ཤིས་ཀྱིས་བོད་ལ་ཕྱིནད་ཅེ་འོ། / བཀྲ་ཤིས་ཀྱིས་བོད་ལ་ཕྱིནད་ཅེ་ན། / བཀྲ་ཤིས་སྐུ་ཉིད་བོད་ལ་བྱོནད་ཅིག