### 티벳어 고전문법 18과

tibetan-classic-grammar-18
{: .tibetan-classic-grammar}

N|M|티벳어|단어
-----|-----|-----|-----
1|F|སློབ་ཚན་བཅོ་བརྒྱད་པ།|སློབ་ཚན་ : 과, 수업 
2|F|༼   བདག་སྒྲ་བཤད་པ།   ༽|བདག་ : 주체, 주인 // བདག་པོ་ : 주인 // ཁང་བདག་ : 집주인 // སྦྱིན་པ་ : 보시(명사), 베풀다(동사) // བྱིན་བ་བཏང་བ་ : 보시하다 // བྱིན་བ་ : 보시 // བྱིན་བདག་ : 보시자, 후원자
3|S|ལེགས་བཤད་ལྗོན་དབང་ལས།| 
4|C|ན་རོ་ཡོད་མེད་པ་བ་མ།།| 
5|C|བདག་པོའི་སྒྲ་སྟེ་ག་ད་ན།།| 
6|C|བ་མ་ས་དང་དྲག་མཐར་པ།།|མཐར་ : 끝에 //
7|C|ང་འ་ར་ལ་མཐའ་མེད་ལ།།| 
8|C|བདག་སྒྲ་ཡར་གྱུར་བ་དང་ནི།།| 
9|C|ཆ་ལ་པ་ཉིད་སྦྱོར་བ་ལེགས།།|ཡ་ : 홀 // ཆ་ : 짝 //
10|C|མིང་མཐའི་པ་བའང་ཕལ་ཆེར་འདྲ།།|ཕལ་ཆེར་ : 아마, 대게 // འདྲ་ : 비슷하다. //
11|C|ཞེས་གསུངས།| 
12|S|བདག་སྒྲའི་དོན་ནི།| 
13|S|བརྗོད་དོན་གང་ཡང་རུང་བ་ཞིག་དང་ལྡན་པའི་བདག་པོའམ་སེམས་ལྡན་གྱི་གཞི་སྟོན་པར་བྱེད་པའི་སྒྲ།|བརྗོད་དོན་ : 주제. 화제 // གང་ཡང་རུང་བ་ : 무엇이든 //
14|S|བདག་སྒྲའི་ཕྲད་དྲུག་ནི།| 
15|S|པ་ བ་ མ་ པོ་ བོ་ མོ་བཅས་སོ།།| 
16|S|བདག་སྒྲའི་ཕྲད་རྣམས་རྗེས་འཇུག་གང་གི་རྗེས་སུ་ཐོབ་ཚུལ་ནི།| 
17|S|རྗེས་འཇུག ག་ ད་ ན་ བ་ མ་ ས་ ད་དྲག་བཅས་བདུན་གྱི་རྗེས་སུ་བདག་སྒྲའི་ཕྲད་པ་དང༌པོ་གང་རུང་འཐོབ།| 
18|S| རྗེས་འཇུག་ང་ འ་ ར་ ལ་  མཐའ་མེད་བཅས་ལྔའི་རྗེས་སུ་བདག་སྒྲ་ཡར་གྱུར་པ་ཞེས་པ་ཡི་གེ་ཆ་མེད་ཡ་ལ་ཁེལ་ན་བ་དང་བོ་གང་རུང་འཐོབ།| 
19|S|བདག་སྒྲ་ཆ་ལ་ཞེས་པ་ཡི་གེ་ཆ་ལ་ཁེལ་ན་པ་དང་པོ་གང་རུང་འཐོབ།| 
20|S|བདག་སྒྲའི་ཕྲད་མ་དང་མོ་གཉིས་ནི་རྗེས་འཇུག་དང་ཡི་གེ་ཆ་ཡ་ལ་སྟོས་མི་དགོས་པར་ཚིག་སྦྱོར་ལ་སྐབས་དང་བསྟུན་ནས་གང་བདེ་སྦྱོར་དགོས་སོ།།| 
21|S|བདག་སྒྲའི་ཕྲད་བ་ལ་སྐབས་འགར་བ་ཕྱེད་ཝ་རུ་འབོད་དགོས་པ་ཡིན།| 
22|S|མིང་མཐའི་པ་བའང་ཕལ་ཆེར་འདྲ།| 
23|S|།ཞེས་པའི་དོན་ནི།| 
24|S|བདག་སྒྲའི་ཕྲད་ཀྱི་དཔེར་བརྗོད་མ་ཡིན་པའི་མིང་རྐྱང་གི་མཐའ་ལ་ཡོད་པའི་ཡི་གེ་པ་དང་བ་གཉིས་སྦྱོར་ཚུལ་ཡང་ཕལ་ཆེར་བདག་སྒྲའི་ཕྲད་སྦྱོར་ཚུལ་དང་འདྲ་བ་ཆ་ལ་པ་དང་ཡ་ལ་བ་སྦྱོར་དགོས་ཞེས་པའི་དོན་ནོ།།|ཕལ་ཆེར་ : 대게. 주로// སྦྱོར་ : 연결하다. 적용하다. 붙이다.
25|S|ཅན་དང་ལྡན་སོགས་ཀྱིས་བདག་པོ་སྟོན་པར་བྱེད་པ་ཡོད་ཀྱང་སེམས་མེད་ཀྱི་རིགས་ལའང་འཇུག་པ་ཡོད་པས་བདག་སྒྲའི་ཕྲད་དངོས་ནི་མ་ཡིན་ནོ།།|དངོས་ : 실제 //
26|E|༼   བདག་སྒྲའི་རེའུ་མིག་   ༽| 
27|E|ཨང༌།   #  རྗེས་འཇུག་   #  བདག་སྒྲའི་ཕྲད།  #   དཔེར་བརྗོད།| 
28|E|༡   #   ག་   #  པ་དང་པོ་   #  འབྲོག་པ།  /གཡག་པ། /  ཇག་པ།  /  འབྲུག་པ། /  ལྐུག་པ།  /  སོག་པོ།  /  གཡོག་པོ།  /  ཕྱུག་པོ།  /  བདག་པོ།|འབྲོག་པ། : 유목민 // གཡག་པ། : 야크를 몰거나 키우는 사람 // ཇག་པ། : 강도 // འབྲུག་པ། : 부탄사람 // ལྐུག་པ། : 벙어리, 바보 // སོག་པོ། : 몽고인 // སོག་ཡུལ་ : 몽고 // གཡོག་པོ། : 하인, 종 // ཕྱུག་པོ། : 풍부한 이라는 형용사인데, 명사로 쓰일경우 부자, 재력가라는 말로 쓰인다. // བདག་པོ། : 주인
29|E|༢  #   ད་  #   པ་དང་པོ་   #  ལས་བྱེད་པ།  /  བོད་པ།  /  སྟོད་པ།  /  ནད་པ།  /  བྱེད་པོ།|ལས་བྱེད་པ། : 직원, 노동자(일하는 사람) // བོད་པ། : 티벳사람 // སྟོད་པ། : སྟོད지방(티벳의 서북쪽 지방) 사람 // ནད་པ། : 환자, 병자 // བྱེད་པོ། : 행위자 / བྱེད་བ་ : 하다(동사)
30|E|༣  #   ན་   #  པ་དང་པོ།   #   བཙུན་པ།  / གངས་ཅན་པ།  /  སྟོན་པ།  /  སྨན་པ།  /  མོན་པ།  /  གཅེན་པོ།  /  མགྲོན་པ།  /  བོན་པོ།  /  བླུན་པོ།  /  མཁན་པོ།|བཙུན་པ། : 성자. 존자 // གངས་ཅན་པ། : 눈의나라에 사는 사람(티벳인) // སྟོན་པ། : 보이다(동사), 설하다(동사), 가르침을 설하는 주체(가르침의 주인), 교조(처음에 가르침을 열어준 사람) // སྨན་པ། : 의사 // མོན་པ། : མོན་지역의 사람 // མགྲོན་པ།   : 손님 // བོན་པོ། : བོན་교(종교)의 사람 // བླུན་པོ། : 신하 //མཁན་པོ། : 절의 책임자(주지) //
31|E|༤  #   བ   #  པ་དང་པོ།   #   ནུབ་པ།  /   སྐུ་ཚབ་པ།  /  གྲོང་གསེབ་པ།|*(ཤར་ : 동)*  *(ནུབ་ : 서)*  *(བྱང་ : 북)*  *(ལྷོ་ : 남)*  // ཤར་བ་ : 뜨다, 떠오르다. 비치다 // མིགས་ཤར་ : 눈에 보이다. //  སྐུ་ : 몸 // ཚབ་ : 대리  // སྐུ་ཚབ་པ། : 대리자 // གྲོང་གསེབ་པ། : 시골사람
32|E|༥   #  མ་   #   པ་དང་པོ།   #   སོ་ནམ་པ།  /  སྐྱེས་བུ་དམ་པ།  /  རོགས་རམ་པ།  /  འཆམ་པོ།|སོ་ནམ་པ།  : 농민 // སྐྱེས་བུ་ཆུང་ངུ་ : 하사도 // སྐྱེས་བུ་ཆེན་པོ་ : 장부(대장부) // དམ་པ : 바른(형용사), 성스러운(형용사) // སྐྱེས་བུ་དམ་པ། : 현자 // རོགས་རམ་པ།  : 도움을 주는 사람, 조력자, 봉사자 // འཆམ་པོ། : 사이가좋은(형용사). 무용가
33|E|༦   #   ས་   #   པ་དང་པོ།   #  དབུས་པ།  /  མཁས་པ།  /  ཚོང་ལས་པ།  /  གནས་པོ།|མཁས་ : 숙련된, 도통한, 통달한  // མཁས་པ། : 전문가, 장인 // ཚོང་ : 장사 // ལས་ : 일 // ཚོང་ལས་པ། : 사업가, 상인, 상업에 종사하는 사람, 자영업자 // གནས་བ་ : 머물다(동사) , 장소(명사) // གནས་པོ། : 머무는 사람, 머무는 장소의 주인(host)  // མགྲོན་པ་ : 손님(guest)
34|E|༧  #   ད་དྲག་   #  པ་དང་པོ།  #   ཕྱི་རོལད་པ།  /  དབང་བསྐུརད་པ།  /  ཕར་ཕྱིནད་པ།  /  ཤནད་པ།  /  རྒྱལད་པོ།   /  དབུལད་པོ།|ཕྱི་རོལད་པ།(=ཕྱི་རོལ་པ།) : 외도 // དབང་བསྐུརད་པ། : 명령자  // ཕར་ : 도피안 // ཕར་ཕྱིནད་པ། : 도피안자 // ཤནད་པ། : 도살, 도축자 // རྒྱལད་པོ། : 왕 // དབུལད་པོ། : 빈자. 가난한자, 가난뱅이
35|E|༨   #  ང་   #  བ་དང་པ་དང་པོ།  #   སྐུ་སྲུང་བ།  /  འཛམ་བུ་གླིང་པ།  /  ཚོང་པ།  /   རོང་པ།  /  བྱང་པ།   /  གཅུང་པོ།  /  ཞིང་པ།  /  ནང་པ།|སྐུ་སྲུང་བ། : 경호원 : //   འཛམ་བུ་གླིང་པ། : 세상사람, 세계인 // ཚོང་པ།  : 상인, 장사꾼 // རོང་པ། : 농민 (= སོ་ནམ་པ་ : 농민, = ཞིང་པ་ : 농부) // བྱང་པ། : 북쪽사람 // གཅུང་པོ། : 남동생 // གཅུང་མོ་ : 여동생 // ག་ཅེན་པོ་ : 형, 오빠 // ག་ཅེན་མོ : 언니, 누나 // ཞིང་པ། : 농부 // ནང་པ། : 불자(내도)
36|E| ༩   #   འ་   #  བ་དང་བོ་དང་པ།   #  ས་མཐའ་བ།  /  དཔའ་བོ།  /  མཛའ་བོ།  /  ཀུན་དགའ་བོ།  /  མདའ་པ།  /  འབའ་པ།|ས་མཐའ་བ། : 변방사람 (땅끝사람) // དཔའ་བོ། : 영웅 // ཀུན་ : 모든 // མཛའ་བོ། : 영웅 // དགའ་བ་ : 좋아하다 // མཛའ་བོ། : 친구. 동료 //  ཀུན་དགའ་བོ། : 모든사람이 좋아하는 자 (아난존자의 이름) // མདའ་ : 화살 // མདའ་པ། : 궁수 // འབའ་པ། : 보증인. '바탕'지역 사람
37|E|༡༠  #   ར་   #  བ་དང་པ།   #   རྒྱ་གར་བ།  /  གསར་འབྱོར་བ།   /  གར་པ།   /  ཤར་པ།  /  གཉེར་པ།|གསར་འབྱོར་ : 새로운. 새 // གསར་འབྱོར་བ། : 신입 // གར་པ། : 댄서, 춤추는 사람 // ཤར་པ། : 동쪽사람 // གཉེར་པ། : 소소한 잡무와 함께 돈을 관리 하는 사람. 관리자
38|E|༡༡   #  ལ་  #   བ་དང་པ་དང་པོ།  #  རྒྱལ་བ།  /  དྲེལ་པ།   /  རྒྱལ་པོ་།  /  འགྲུལ་པ།  /  བལ་པོ།|རྒྱལ་བ།  : 승리자(부처님의 다른이름) // དྲེལ་པ། : 당나귀를 모는 사람 // རྒྱལ་པོ་།  : 왕 // འགྲུལ་པ། : 손님 // བལ་པོ། : 네팔인
39|E|༡༢  #   མཐའ་མེད།   #  བ་དང་པ།   #   དིང་རི་བ།  /  སེ་ར་བ།   /  ལྷ་ས་བ།  /  ཁུ་ནུ་བ།  ཨ་རི་བ།  /  གྲྭ་པ།  /  རྟ་པ།  /  ཉ་པ།  /  ལྷོ་པ།|དིང་རི་བ། : དིང་རི་བ지역 사람 // སེ་ར་བ། : སེ་ར་지역 사람 // ལྷ་ས་བ། : ལྷ་ས་지역사람 // ཁུ་ནུ་བ། : ཁུ་ནུ་지역 사람 // ཨ་རི་བ། : 미국인 // གྲྭ་པ། : 승려 // རྟ་པ། : 마부, 기수 // ཉ་པ། 어부 // ལྷོ་པ་ : 남부사람. southerner, tibetan tribes in sikkim and bhutan. Lhopa, tribes of Tsari
40|E|༡༣  #  མཐའ་མེད།   #  མ་དང་མོ།   #   ཇ་མ།  /  ཆང་མ།  /  གཞོན་ནུ་མ།  /  སྒྲོལ་མ།  /  ཐ་ག་མ།  /  སོག་མོ།  /  གཙང་མོ།  /  དབུས་མོ།  /  འབྲོག་མོ། |ཇ་མ། : 차름 끓이는 여인 //  ཆང་ : 곡식으로 만든 술 // ཆང་མ། : 주류업자, 기혼여성 //  གཞོན་ནུ་མ། : 아가씨, 숙녀(청년의 상대적 의미) //  ཐ་ག་མ།་ : 여성 방직공(의류를 제조하는) // སོག་མོ། : 몽골의 여성 // གཙང་ : 중앙 티벳의 한 지역 // གཙང་མོ། : གཙང་지역 사람, 중앙티벳지역 사람 // དབུས་མོ། // འབྲོག་མོ། : 유목민(여성)