### 티벳어 고전문법 17과

tibetan-classic-grammar-17
{: .tibetan-classic-grammar}

N|M|티벳어|단어
-----|-----|-----|-----
1|F|སློབ་ཚན་བཅུ་བདུན་པ།| 
2|F|༼   སྤྱི་སྒྲ་བཤད་པ།   ༽|སྤྱི་ : 일반의. 일반적인. 보편의. 공공의. 공동의. 전체의
3|S|ལེགས་བཤད་ལྗོན་དབང་ལས།| 
4|C|ཅི་ཇི་སུ་གང་སྤྱི་སྒྲ་སྟེ།།|སྟེ་ : *{학째}*. ~인데. ~이고(며)
5|C|ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།།| 
6|C|སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།།| 
7|C|སུ་ནི་གང་ཟག་གང་ཀུན་ལའོ།།|ཀུན་ལ་ : 모든. 모든 것.  모든 곳에.어디에나
8|C|ཞེས་གསུངས།| 
9|S|སྤྱི་སྒྲའི་དོན་ནི།| 
10|S|དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པ་སྟོན་བྱེད་ཀྱི་སྒྲ།|བྱེ་བྲག་ : 특수한. 개별적인.  // དམིགས་ : 대상. 인지대상. 인식의 대상. 목적. // སུ་ : *{라된}*. ~에. ~로 // འཛིན་པ་ : 잡다. 취하다. 파악하다. 인식의 주체. 유지하다. 암기하다. // སྟོན་བྱེད་པ་ : 보여주다. 가리키다. 가르치다. 표현하다.
11|S|སྤྱི་སྒྲའི་ཕྲད་ལ་བཞི་ཡོད།|ཕྲད་ : 접사. additive particles
12|S|ཕྲད་བཞི་ནི། ཅི་ཇི་སུ་གང་བཅས་སོ།།| 
13|S|སྤྱི་སྒྲའི་ཕྲད་བཞི་རྣམས་དོན་གསུམ་ལ་འཇུག་པ་ཡིན།|འཇུག་པ་ : 사용하다. 쓰이다. 적용하다. 작용하다. 들어가다. 
14|S|དོན་གསུམ་ནི།| 
15|S|སྤྱི་ལ་འཇུག་པ།| 
16|S|བྱེ་བྲག་ལ་འཇུག་པ། | 
17|S|དྲི་བ་ལ་འཇུག་པ་གསུམ་མོ།།| 
18|S|སྤྱི་ལ་འཇུག་པའི་དོན་ནི།| 
19|S|ཕྱི་རོལ་གྱི་ཡུལ་ན་ཡོད་པའི་དངོས་པོ་དང་བྱ་བ་སོགས་ཐུན་མོང་བ་ལ་འཇུག་པ།|ཕྱི་རོལ་ : 외부의. 바깥의. 바깥쪽. 밖으로. // ཡུལ་ : 영역. 경계. 장소. 대상. ན་ : *{라된}*.접사. ~에. ~로. // ཐུན་མོང་བ་ : 공통의. 공동의. 보통의. 일반적인. 
20|S|བྱེ་བྲག་ལ་འཇུག་པའི་དོན་ནི།| 
21|S|ཕྱི་རོལ་གྱི་ཡུལ་ན་ཡོད་པའི་དངོས་པོ་བྱ་བ་སོ་སོ་བའམ་རེ་རེ་ལ་འཇུག་ལ།|སོ་སོ་བ་ : 각각. 개개의. 개별적인. 별개의 // འམ་ : 또는. 그리고. 이거나 // རེ་རེ་ : 각자. 각기
22|S|དྲི་བ་ལ་འཇུག་པའི་དོན་ནི་གོ་སླ་བ་ཡིན་ནོ།།|གོ་སླ་བ་ : 이해하기 쉽다.
23|E|༼   སྤྱི་སྒྲའི་རེའུ་མིག   ༽| 
24|E|ཨང༌།  #   ཕྲད།   #  སྤྱི་ལ་འཇུག་པའི་དཔེར་བརྗོད།   #   བྱེ་བྲག་ལ་འཇུག་པའི་དཔེར་བརྗོད།   #   དྲི་བ་ལ་འཇུག་པའི་དཔེར་བརྗོད།|སྤྱི་ : 일반의. 일반적인. 보편의. 공공의. 공동의.   // བྱེ་བྲག་ : 특수한. 특정한. 개별적인. 구체적인 // དྲི་བ་ : 질문
25|E|༡  #   ཅི་   #  རྒྱ་དམར་གྱིས་བཟོས་པའི་ཅ་ལག་ཅི་ཡང་རུང་བོད་པས་ཉོས་ན་མི་འགྲིག   #  རྒྱ་དམར་གྱིས་ཅི་བཟོས་པའི་རས་གོས་དེ་བོད་པས་ཉོས་ན་མི་འགྲིག   #  རྒྱ་དམར་གྱིས་བོད་ནང་ལ་ཡར་རྒྱས་ཅི་བཏང་ངམ། /  ཁྱོད་ལ་ཡོན་ཏན་ཅི་ཡོད།|ཡང་རུང་ : ~이든. ~이든지  // འགྲིག : 바른. 옳은. 적당한. 괜찮은  //  ཡར་རྒྱས་བཏང་ : 발전시키다. //  ཡོན་ཏན་ : 공덕
26|E|༢  #   ཇི་   #  དགེ་རྒན་གྱིས་བསླབ་བྱ་ཇི་ལྟར་གསུངས་པ་རྣམས་སློབ་ཕྲུག་གིས་ལག་ལེན་བསྟར་དགོས།  #   དགེ་རྒན་གྱིས་ཇི་ལྟར་གསུངས་པའི་བསླབ་བྱ་རྫུན་སྤོང་བ་ལྟ་བུ་སློབ་ཕྲུག་གིས་ལག་ལེན་བསྟར།  #   རྡ་ས་རིགས་ལམ་སློབ་གྲྭ་ལ་སློབ་ཕྲུག་ཇི་ཙམ་ཡོད་དམ། / ཁྱོད་ཀྱིས་གཞན་ཕན་ཇི་ལྟར་སྒྲུབ།|   རྡ་ས་ : 다람살라의 축약어 // རིགས་ལམ་སློབ་གྲྭ་ : 다람살라에 위치한 학교의 이름 // 
27|E|༣  #   སུ་  #   མི་སུ་ཡང་རུང་ཡ་རབས་དྲང་བདེན་དགོས་རྒྱུ་ཤིན་ཏུ་གལ་ཆེ།   #  སུ་ལ་སྙིང་རྗེ་བྱེད་དགོས་པའི་རྒྱ་དམར་དཔོན་རིགས་ལ་ཁོང་ཁྲོ་བྱས་ན་མི་འགྲིག  #   ཁྱོད་ཀྱི་དེབ་ལ་རི་མོ་སུ་ཡིས་བྲིས་སམ། / ཁང་པའི་ནང་དུ་སུ་འོངས་སམ།|ཡང་རུང་ : ~이든 // ཡ་རབས་ : 도덕성 // དྲང་བདེན་ : 진실함 // དགོས་རྒྱུ་ : 필요한 것. 필요로 하다. 요구하다. // སྙིང་རྗེ་ : 자비. 연민 // དཔོན་རིགས་ : 고위 관료. 간부. 우두머리 // ཁོང་ཁྲོ་ : 분노 // རི་མོ་ : 그림 // བྲིས་ : [과거형] 그렸다. 
28|E|༤  #   གང་  #   མིའི་སྤྱི་ཚོགས་ནང་གང་དྲན་ དྲན་བྱས་ན་ཡར་རྒྱས་མི་འགྲོ   #  གང་ལ་བྱམས་སྙིང་རྗེ་ཡོད་པའི་རྒྱལ་བ་ཡིད་བཞིན་ནོར་བུ་ནི་ང་ཚོའི་དབུ་ཁྲིད་ཡིན།  #   ཁྱོད་ཀྱི་མིང་ལ་གང་ཟེར། / ཁྱོད་ལུང་པ་གང་ནས་འོངས། / ད་ལྟ་ཁྱོད་གང་དུ་འགྲོ |སྤྱི་ཚོགས་ : 사회 // གང་དྲན་ དྲན་བྱས་ : [구어]생각나는 대로 하다. 마음대로 하다. 제멋대로 하다. // རྒྱལ་བ་ : 승리자. 붓다 // ཡིད་བཞིན་ནོར་བུ་ : 여의주 // རྒྱལ་བ་ཡིད་བཞིན་ནོར་བུ་ : 달라이라마의 별칭 // དབུ་ཁྲིད་ : 지도자 // ཟེར་ : 말하다. // ལུང་པ་ : 지역
29|S|གཞན་ཡང་སྤྱི་སྒྲའི་ཕྲད་རྣམས་ཚིག་གྲོགས་སོ་སོ་ལ་ཐོབ་ཚུལ་ནི།|གཞན་ཡང་ : 게다가. 더욱이. 또한. 또 달리 // སྤྱི་སྒྲའི་ : 대명사 처럼 받아줄 수 있는 용어(?) // ཚིག་གྲོགས་ : 의존접사(?) // ཚིག་ : 말, 글 // གྲོགས : 친구 // སོ་སོ་ : 각각 // ཐོབ་ཚུལ་ : 붙는방식 // 
30|S|ཚིག་གྲོགས་ཞིག་ སྟེ་ སླད་ འདྲ་ ཕྱིར་བཅས་ལྔའི་སྔོན་དུ་སྤྱི་སྒྲའི་ཕྲད་ཅི་ཐོབ་པས་ཅི་ཞིག  ཅི་སྟེ།   ཅི་སླད།  ཅི་འདྲ།   ཅི་ཕྱིར་  ཅེས་བརྗོད་དགོས་པ་ཡིན།| 
31|S|ཚིག་གྲོགས་  སྙེད།  སྲིད།  ལྟར་  བཞིན་  སྐད་བཅས་ལྔའི་སྔོན་དུ་སྤྱི་སྒྲའི་ཕྲད་ཇི་ཐོབ་པས་ཇི་སྙེད།  ཇི་སྲིད། ཇི་ལྟར།  ཇི་བཞིན། ཇི་སྐད། ཅེས་བརྗོད་དགོས་པ་ཡིན།  | 
32|S|སྤྱི་སྒྲའི་ཕྲད་སུ་ནི།| 
33|S|གང་ཟག་སེམས་ལྡན་ཁོ་ན་ལ་འཇུག་པ་ལས་སེམས་མེད་རིགས་ལ་གཏན་ནས་མི་འཇུག  |གང་ཟག་ : 사람 // སེམས་ལྡན་ : 생명체 // ཁོ་ན་: 만, 뿐, 오직 ~만 // སེམས་མེད་ : 무생물 //  རིགས་ : 종류 // གཏན་ནས : 절대로
34|S|སྤྱི་སྒྲའི་ཕྲད་གང་ནི།| 
35|S|སེམས་ལྡན་སེམས་མེད་ཀྱི་ཡོད་པ་ཐམས་ཅད་ལ་འཇུག་པ་ཡིན་ནོ།།| 
36|S|ཅི་ཞིག་ཟེར་བའི་དོན་ནི།| 
37|S|བྱེ་བྲག་ངོས་བཟུང་མེད་པར་གང་ཞིག་དང་གང་འདྲ་ཞིག་ཟེར་བའི་དོན་དང་འདྲ་བ་ཡིན།|བྱེ་བྲག་ : 구체적 대상 // ངོས་བཟུང་བ་ :  // ངོས་ : 얼굴, 면모, // བཟུང་བ་ : 인지하다. // ངོས་ཤེས་པ་ : 아는사람, 면식 //  ངོས་ཤེས་བཏང་པ་ : 아는척하다. 인사하다. // གང་ཞིག་ : // 
38|S|ཅི་སྟེ་ཟེར་བའི་དོན་ནི།| 
39|S|གལ་ཏེ་ཟེར་བའི་དོན་འདྲ་བ་ཡིན།|འདྲ་བ་ : 비슷한 것, 닮은 것 // 
40|S|ཅི་སླད་ཟེར་བའི་དོན་ནི།| 
41|S|དགོས་པ་འདྲི་བའི་དོན་ལ་འཇུག| 
42|S|ཅི་འདྲ་ཟེར་བའི་དོན་ནི།| 
43|S|གང་དང་འདྲ་བའི་དཔེ་འདྲི་བ་ལྟ་བུ་ཡིན།|དཔེ་ : 비유, 예시 // ལྟ་བུ་ : ~처럼, ~와 같은 것 // 
44|S|ཅི་ཕྱིར་ཟེར་བའི་དོན་ནི།| 
45|S|རྒྱུ་མཚན་འདྲི་བའི་དོན་ལ་འཇུག་པ་ཡིན་ནོ།།|རྒྱུ་མཚན་ : 이유. 원인 //
46|S|ཇི་སྙེད་ཟེར་བའི་དོན་ནི།| 
47|S|གང་ཡོད་ཐམས་ཅད་ཟེར་བའི་དོན་དང་འདྲ་བ་ཡིན།|ཡོད་ : 존재, 있음 // ཐམས་ཅད་ : 모든, 모든 것, 일체 // དང་འདྲ་བ་ : ~와 같다.
48|S|ཇི་སྲིད་ཟེར་བའི་དོན་ནི།| 
49|S|དུས་ཇི་ཙམ་བར་གྱི་ཚད་སྟོན་པའི་དོན་ལ་འཇུག|དུས་ : 시간 // ཇི་ཙམ་ : 어느정도 // ཚད་ : 기준 // སྟོན་པའི་ : 보여주는 
50|S|ཇི་ལྟར་ཟེར་བའི་དོན་ནི།| 
51|S|གང་འདྲ་ཞིག་ཟེར་བའི་དོན་དང་འདྲ།|གང་འདྲ་ཞིག་ : 무엇처럼. 어떤 것처럼 // 
52|S|ཇི་བཞིན་ཟེར་བའི་དོན་ནི།| 
53|S|དཔེ་དེ་ནང་བཞིན་ཟེར་བའི་དོན་དང་འདྲ།|ནང་བཞིན་ :~대로. 그대로 //
54|S|ཇི་སྐད་ཟེར་བའི་དོན་ནི།|ཇི་སྐད་ : 그와 같은 말. 말(이야기)처럼 //
55|S|གང་འདྲ་ཞིག་སྨྲས་པའི་སྐད་ཆ་ཟེར་བའི་དོན་དང་འདྲ་བ་ཡིན་ནོ།།|སྐད་ཆ : 말, 이야기 // 
56|S|ཇི་སྒྲ་ཚིག་གྲོགས་དང་བཅས་པའི་སྐབས་སུ་དཔེར་ན།|སྐབས་སུ་ : 때에. 경우에. 동안에 // དཔེར་ན་ : 예를들면 // 
57|S|ཇི་སྙེད་ཡོད་པ་དེ་སྙེད་ཟེར་བའི་དོན་ནི།|ཇི་སྙེད་ཡོད་པ་ : 가능한 모든 것만큼 // དེ་སྙེད་ : 그만큼 // 
58|S|ག་ཚོད་ཡོད་པ་དེ་ཚོད་ཟེར་བའི་དོན་དང་འདྲ་བས་ཇི་སྙེད་ལ་དེ་སྙེད་འཐོབ་པ་དང༌།| 
59|S|དེ་བཞིན་དུ ཇི་སྲིད་ལ་དེ་སྲིད་འཐོབ་པ་དང༌།|དེ་བཞིན་དུ : 그와 마찬가지로 // 
60|S|ཇི་ལྟར་ལ་དེ་ལྟར་འཐོབ་པ་དང༌།| 
61|S|ཇི་བཞིན་ལ་དེ་བཞིན་འཐོབ་པ་དང༌།| 
62|S|ཇི་་སྐད་ལ་དེ་སྐད་འཐོབ་པ་ཡིན།| 
63|S|འོན་ཀྱང་ཇི་སྙེད་ལ་དེ་སྙེད་ཅེས་ངེས་པར་དུ་བརྗོད་དགོས་པ་མ་ཡིན།|འོན་ཀྱང་ : 그러나 // ངེས་པར་དུ་ : 반드시
64|S|དེ་བཞིན་དུ།  དེ་སྲིད།  དེ་ལྟར།  དེ་བཞིན།  དེ་སྐད་རྣམས་ཀྱང་ངེས་པར་དུ་བརྗོད་དགོས་པ་མ་ཡིན་ནོ།།| 
65|E|༼   ཚིག་གྲོགས་ཡོད་པའི་སྤྱི་སྒྲའི་རེའུ་མིག   ༽| 
66|E|ཨང༌།  #   ཕྲད།  #   དཔེར་བརྗོད།| 
67|E|༡  #   ཅི་ཞིག  #   ལས་ཀ་ཅི་ཞིག་བྱེད་ནའང་སྤུས་དག་པོ་བྱེད་དགོས་པ་ཡིན།|སྤུས་དག་པོ་ : 뛰어난. 훌륭한
68|E|༢  #   ཅི་སྟེ་   #   ཅི་སྟེ་ཡ་རབས་མ་བྱས་ན་སྐྱིད་པོ་མི་ཡོང༌།|ཡ་རབས་ : 도덕적인 모든 행위를 총칭하는 말 (반대어 : མ་རབས་) // སྐྱིད་པོ་ : 행복, 즐거움 // མི་ཡོང༌ : 오지 않는다. 
69|E|༣  #   ཅི་སླད་  #   ང་ཚོས་སློབ་སྦྱོང་ཅི་སླད་དུ་སྦྱོང་དགོས་སམ།|ང་ཚོ་ : 우리 // ང་ཚོས་ : 우리들이
70|E|༤  #   ཅི་འདྲ་   #   ཁྱོད་ཀྱིས་སློབ་གྲྭའི་ནང་སློབ་སྦྱོང་ཅི་འདྲ་བྱེད་བཞིན་ཡོད་དམ།| ཅི་འདྲ་  : 무엇과 같이(어떻게) // བཞིན་ : [문어]~하는 중이다.(진행의 의미를 더욱 부가시킴)
71|E|༥  #   ཅི་ཕྱིར་   #   ཁྱོད་སློབ་གྲྭའི་ནང་རྒྱུ་མཚན་ཅི་ཕྱིར་འོངས་སམ།| ཅི་ཕྱིར་ : 어째서, 왜 // འོང་བ(문어) : 오다 //ཡོང་བ་(구어) : 오다, 되다, 가능하다. 
72|E|༦   #   ཇི་སྙེད་   #   བོད་ཕྲུག་ཇི་སྙེད་ཡོད་པ་དེ་སྙེད་ལ་ཡ་རབས་བཟང་སྤྱོད་དགོས།|ཇི་སྙེད་ : 얼만큼, 엄마만큼, 어떻게, 얼마(= How) // བོད་ཕྲུག་ : 티벳아이 // ཇི་སྙེད་ : 얼만큼 // ཡ་རབས་ : 선함, 도덕심 // བཟང་སྤྱོད་ : 선행
73|E|༧   #   ཇི་སྲིད་   #   ཇི་སྲིད་བོད་རང་བཙན་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་བོད་པས་རིག་པ་བསྒྲིམ་དགོས།|ཇི་སྲིད་ : ~얼마까지 // རང་བཙན་ : 독립 // ཐོབ་པ་ : 얻다, 획득하다. 성취하다.
74|E|༨   #   ཇི་ལྟར་   #   དགེ་རྒན་གྱིས་ཇི་ལྟར་བསླབས་གནང་བ་དེ་ལྟར་ཤེས་ཐུབ་པ་བྱེད་དགོས།|ཇི་ལྟར་ :  그와같이 // བསླབས་གནང་བ་ : 가르치시다. // ཤེས་ཐུབ་པ་ : 알수 있도록  // ཤེས་པ་ : 알다 // ཐུབ་པ་ : ~할 수 있다(능력을 의미) // ཆོག་པ་ : 허락, 허가 // བྱེད་དགོས : 해야한다. //  བྱེས་པ་ནང་བཞིན་ : ~한대로
75|E|༩   #   ཇི་བཞིན་   #   ཀློག་དེབ་ནང་དུ་ཇི་བཞིན་ཡོད་པ་དེ་བཞིན་སེམས་ལ་ངེས་དགོས།|ཇི་བཞིན་ : 그대로, ~대로   // ཀློག་དེབ་ : 교재, 교과서 // ནང་དུ་ : 안에  // སེམས་ལ་ངེས་དགོས : 마음에 염두하다(숙지하다)
76|E|༡༠   #   ཇི་སྐད་   #   རྒན་ལགས་ཀྱིས་ཇི་སྐད་གསུངས་པ་དེ་སྐད་ཤེས་ཐུབ་པ་བྱེད་དགོས།|ཇི་སྐད་ : 그와같이 // སྐད་ : 말