티벳어 고전문법 16과 tcg-chapter-16

티벳어 고전문법 16과

tibetan-classic-grammar-16

N M 티벳어 단어
1 F སློབ་ཚན་བཅུ་དྲུག་པ།
2 F ༼ དེ་སྒྲ་བཤད་པ། ༽
3 S ལེགས་བཤད་ལྗོན་དབང་ལས།
4 C མིང་གི་ཐོག་མའི་དེ་སྒྲ་ནི།། མིང་ : 이름. 말. 단어 // ཐོག་མའི་ : 최초의. 처음의. 첫글자. 머리글자
5 C ཐ་སྙད་འདས་མ་ཐག་པ་དང༌།། ཐ་སྙད་ : [탄예]어휘. 단어. 비유. 생각. 개념 // འདས་མ་ཐག་པ་ : 즉시. 곧. 바로. 즉각적으로. 바로 앞. 직전//
6 C རྣམ་གྲངས་གཞན་ཅན་གཉིས་ལ་འཇུག། རྣམ་གྲངས་ : 측면. 양상. 동의어. 유의어 //
7 C ཅེས་གསུངས།
8 S དེ་སྒྲ་ནི།
9 S ལེགས་བཤད་ལྗོན་དབང་དུ་དོན་གཉིས་ལ་འཇུག་པར་གསུངས་ཀྱང༌།
10 S སུམ་ཅུ་པའི་རྩ་གཞུང་དུ་དོན་དགུ་ལ་འཇུག་པར་གསུངས་པ་ཡིན། རྩ་གཞུང་ :원문
11 S དོན་དགུ་ནི།
12 S ཐ་སྙད་ཀྱི་དབང་དུ་བྱས་པ་གསུམ། དབང་དུ་བྱས་པ་ : ~의 관점에서. ~과 관련하여. ~을 중심으로. ~을 중점으로 //
13 S དངོས་པོའི་དབང་དུ་བྱས་པ་བཞི། དངོས་པོ་ : 물질. 대상 //
14 S དུས་ཀྱི་དབང་དུ་བྱས་པ་གཉིས་བཅས་ཡིན། བཅས་ : [항목을 열거하는 문장의 말미에 사용될 때]등
15 S ཐ་སྙད་ཀྱི་དབང་དུ་བྱས་པ་གསུམ་ནི།
16 S ༡ ཐ་སྙད་འདས་མ་ཐག་པ།
17 S ༢ རྣམ་གྲངས་གཞན་ཅན།
18 S ༣ ལྷག་བཅས།
19 S དངོས་པོའི་དབང་དུ་བྱས་པ་བཞི་ནི།
20 S ༡༽ བདེན་པའི་དངོས་པོ། བདེན་པའི་ : 사실인. 실제인 // བདེན་པ་ : 사실. 진실 //
21 S ༢༽ གསང་བའི་དངོས་པོ། གསང་བའི་ : 비밀의 . 비밀한 // གསང་བ་ : 비밀
22 S ༣༽  བདག་གི་བའི་དངོས་པོ།
23 S ༤༽  གཞན་གྱི་དངོས་པོ།
24 S དུས་ཀྱི་དབང་དུ་བྱས་པ་གཉིས་ནི།
25 S ༡༽ འདས་པ་དང༌།
26 S ༢༽ མ་འོངས་པ་བཅས་སོ།།
27 S ཐ་སྙད་འདས་མ་ཐག་པའི་དོན་ནི།
28 S སྔར་སྨོས་པའི་མིང་ཚིག་གི་ཐ་སྙད་འདས་མ་ཐག་པ་ལ་དེ་སྒྲ་སྨོས་པ། སྨོས་པ་ : 말하다. 언급하다.
29 S རྣམ་གྲངས་གཞན་ཅན་གྱི་དོན་ནི།
30 S འརྗོད་བྱའི་རང་མིང་དངོས་སུ་མ་སྨོས་ཀྱང་དེ་སྒྲའི་ཤུལ་དུ་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པ། དངོས་སུ་ : 직접적으로 // ཤུལ་དུ་ : ??? ~하는 김에. 간접적으로. // སྦྱོར་ : 붙이다. // རྒྱུ་ : 것. 바. 이유 //
31 S གཞན་རྣམས་ཀྱི་དོན་གོ་སླའོ།།
32 E ༼ དེ་སྒྲའི་རེའུ་མིག ༽
33 E ཨང༌། # དོན། # ཕྲད། # དཔེར་བརྗོད།
34 E ༡ # ཐ་སྙད་འདས་མ་ཐག་པ། # དེ་ # འདི་ནི་བོད་ཀྱི་རྒྱལ་དར་ཡིན།  དེ་ལ་གངས་རི་དང་སེང་གེ་གཉིས་ཡོད།  དེ་ལ་ནོར་བུ་མེ་འབར་དང་ཉི་མ་ཡོད།  དེ་ཚོན་མདོག་སྔོ་དམར་སེར་གསུམ་དང་ལྡན་པ་གཟི་བརྗིད་ཅན་ཞིག་ཡིན་ནོ།། རྒྱལ་དར་ : 국기 // གངས་རི་ : 설산 // སེང་གེ་ : 해태. 사자 // ནོར་བུ་ : 보석. 보물 // མེ་འབར་ : 불타다. // ཚོན་མདོག་ : 색깔. 색 // ལྡན་པ་ : 있는. 가진. 있는 것. 가진 것 // གཟི་བརྗིད་ཅན་ : 위엄서린. 위엄있는 //
35 E ༢ # རྣམ་གྲངས་གཞན་ཅན། # དེ་ # དེ་འི་མིང་ལ་གང་ཟེར། དེ་ལུང་པ་གང་ནས་ཕེབས་པ་ཡིན།  དེ་དོན་དག་གང་གི་ཆེད་དུ་ཕེབས་སམ། དོན་དག་ : 의미. 일. 용건 // ཆེད་དུ་ : 위해서. 목적으로 // ཕེབས་པ་ : [높임말]오시다. 가시다. '오다, 가다'의 높임말
36 E ༣ # ལྷག་བཅས། # དེ་ # ར་ལུག་འདེད་དེ་འགྲོ  / ཤིང་བཅད་དེ་མེ་སྤར། ར་ : 염소 // ལུག་ : 양 // འདེད་ : 몰다. 쫒다. // མེ་སྤར་ : 불 피우다.
37 E ༤ # བདེན་པའི་དངོས་པོ། # དེ་ # ཁྱོད་ཀྱིས་གསུངས་པ་དེ་དེ་བཞིན་རེད། ངོས་ལ་དགོས་རྒྱུ་དེ་ཀ་རང་ཡིན། དེ་བཞིན་ : 그대로 // ངོས་ : [문어]우리
38 E ༥ # གསང་བའི་དངོས་པོ། # དེ་ # ངོས་གཉིས་ཀྱི་སྐད་ཆ་དེ་གཞན་ལ་མ་ཤོད། ཅ་ལག་དེ་གཞན་ལ་མ་སྟོན། ངོས་གཉིས་ : [문어]우리 둘 // སྐད་ཆ་ : 이야기 // ཤོད་ : 말하다. // ཅ་ལག་ : 물건 // སྟོན་ : 보이다. 보여주다. //
39 E ༦ # བདག་གི་དངོས་པོ། # དེ་ # ངའི་དེབ་དེ།  / ཁོ་བོའི་སྨྱུ་གུ་དེ།  / བདག་གི་ཞྭ་མོ་དེ། ཁོ་བོ་ : 내 자신. 그 자신 // སྨྱུ་གུ་ : 연필. 펜 // ཞྭ་མོ་ : 모자 // བདག་ : 나. 자신
40 E ༧ # གཞན་གྱི་དངོས་པོ། # དེ་ # ཁྱོད་ཀྱི་དེབ་དེ།  / རྒྱ་མིའི་བཙན་དབང་དེ་བོད་པས་བརྗེད་མི་ཐུབ། བཙན་དབང་ : 폭정. 폭압. 압제. 억압 // བརྗེད་ : 말하다. // མི་ཐུབ་ : 불가능하다.
41 E ༨ # འདས་པ། # དེ་ # ན་ནིང་གི་ལོ་དེ།  / མདང་དགོང་གི་དུས་ཚོད་དེ། ན་ནིང་ : 작년. 지난 해. // ལོ་ : 연. 해 // མདང་དགོང་ : 지난밤. 어젯밤 // དོ་དགོང་ : 오늘 밤 // དུས་ཚོད་ : 시간
42 E ༩ # མ་འོངས་པ། # དེ་ # རྗེས་མའི་ལོ་དེ།  / སང་གི་ཉིན་མོ་དེ།  / གནངས་ཀྱི་ཉིན་མོ་དེ། རྗེས་མའི་ལོ་ : 다음해. 내년 // སང་ : 내일 // ཉིན་མོ་ : 날. 하루 // སང་གི་ཉིན་མོ་ : 내일 // སང་ཉིན་ : 내일 // གནངས་ : 모래 // གནངས་ཀྱི་ཉིན་མོ་ : 모래 // གནངས་ཉིན་ : 모래