### 티벳어 고전문법 13과 초역본이니 한국어번역부는 참고만 하시기 바랍니다. [attachment:65] tibetan-classic-grammar-13 {: .tibetan-classic-grammar} N|M|티벳어|단어 -----|-----|-----|----- 1|F|སློབ་ཚན་བཅུ་གསུམ་པ།| 2|F|༼ རྣམ་དབྱེ་བརྒྱད་པ་འབོད་སྒྲ་བཤད་པ། ༽|འབོད་སྒྲ་ : vocative , 呼格. 감탄사. 부르는 말. 호격조사 3|S|ལེགས་བཤད་ལྗོན་དབང་ལས།| 4|C|ཀྱེ་དང་ཀྭ་ཡེ་འབོད་སྒྲ་སྟེ།།| 5|C|ཕལ་ཆེར་མིང་གི་ཐོག་མར་སྦྱོར།|ཕལ་ཆེར་: 주로. 대게 // ཐོག་མར་ : 처음에. 시초에. // སྦྱོར་ : 붙읻. 연결하다. 6|C|།ཞེས་གསུངས།| 7|C|འབོད་སྒྲའི་དོན་ནི།| 8|S|གཞན་འབོད་པའི་དོན་ཅན་གྱི་སྒྲ།|འབོད་པ་ : 부르다. // དོན་ཅན་ : 목적을 가진. 중요한. // སྒྲ་ : 소리 9|S|འབོད་སྒྲའི་ཕྲད་ལ་གསུམ་ཡོད།| 10|S|འབོད་སྒྲའི་ཕྲད་གསུམ་ནི།| 11|S|ཀྱེ་ ཀྭ་ཡེ་ ཝ་ཡེ་བཅས་སོ།།| 12|S|འབོད་སྒྲའི་ཕྲད་རྣམས་ཕལ་ཆེར་མིང་གི་ཐོག་མ་ལ་སྦྱར་བ་ཡོད།| 13|S|སྐབས་རེ་མིང་གི་མཇུག་ཏུའང་སྦྱར་བ་ཡོད།|སྐབས་རེ་ : 한 때. 때때로 // མཇུག་ཏུ་ : 끝에 // འང་ : ~에도. 조차 14|S|འབོད་སྒྲའི་ཕྲད་རྣམས་བེད་སྤྱོད་གཏོང་ཚུལ་ནི།|བེད་སྤྱོད་གཏོང་ : 이용하다. 사용하다. 쓰이다. // ཚུལ་ : 방법. 방식 15|S|རང་ལས་མཐོ་བ་ལ་ཀྱེ་འཐོབ་པ་དང༌།|རང་ལས་ : 자신보다. // མཐོ་བ་ : 높은 // འཐོབ་པ་ : 얻다. 성취하다. 이르다. [문법] 온다. 붙는다. 16|S|རང་དང་མཉམ་པ་ལ་ཀྭ་ཡེ་འཐོབ་པ་དང༌།|དང་མཉམ་པ་ : ~과 동등한 17|S|རང་ལས་དམའ་བ་ལ་ཝ་ཡེ་འཐོབ་པ་ཡིན༌།|དམའ་བ་ : 낮은. 하열한 18|S|རང་ལས་མཐོ་བ་ལ་ཀྱེ་ཀྱེ་ཞེས་གཉིས་ཀྱང་འབོད་ཆོག་པ་ཡིན་ནོ།།|འབོད་ : 부르다. // ཆོག་པ་ : 가능하다. 허용되다. 19|S|འབོད་སྒྲའི་ཕྲད་ལ་གསུམ་དུ་དབྱེ་བ་ནི།| 20|S|སྤྱི་བཤད་རགས་ཙམ་གྱི་དབང་དུ་བྱས་པ་ཡིན་གྱི། |སྤྱི་བཤད་ : 일반적인 설명 // རགས་ཙམ་ : 대략적인. 일반적인 // དབང་དུ་བྱས་པ་ : ~의 관점에서 21|S|གཞན་ཡང་ཡོད་དེ།| 22|S|དཔེར་ན་ ཁོང༌། ཀྭས། སྨད། ཝས་སོགས་ཡོད་པར་ཤེས་དགོས་སོ།།|སོགས་ : 등. 기타 // ཤེས་དགོས་: 알아야 한다. 23|E|༼ འབོད་སྒྲའི་རེའུ་མིག ༽| 24|E|འབོད་སྒྲ། # དཔེར་བརྗོད།| 25|E|ཀྱེ་དང་ཀྱེ་ཀྱེ་ # ཀྱེ་གཙོ་འཛིན་ཆེན་པོ། བདག་ལ་ལམ་སྟོན་གནང་དང༌། / བདག་ལ་ལམ་སྟོན་གནང་དང༌། གཙོ་འཛིན་ཆེན་པོ་ཀྱེ་། / ཀྱེ་ཀྱེ་ལྷ་མོ་དབྱངས་ཅན་མ། བདག་ལ་དངོས་གྲུབ་སྩོལ་ཅིག / བདག་ལ་དངོས་གྲུབ་སྩོལ་ཅིག་དབྱངས་ཅན་ཀྱེ་།|གཙོ་འཛིན་ : 지도자. 영도자. 우두머리. 장 // ལམ་སྟོན་ : 조언. 충고. 지도 // གནང་ : [높임말] 주세요. // ལྷ་མོ་ : 여신 // དབྱངས་ཅན་མ་ : 지식의 여신. 음악과 시의 여신 // དངོས་གྲུབ་ : 성취. 달성. 실현 // སྩོལ་ : 주다. 26|E|ཀྭ་ཡེ་ # ཀྭ་ཡེ་གྲོགས་བཟང་ཐུབ་བསྟན་ལགས། / ཀྭ་ཡེ་ཆོས་གྲོགས་བསམ་གཏན་ལགས།|གྲོགས་བཟང་ : 우정. 선한 벗. 선우 // ཐུབ་བསྟན་: 붓다의 가르침 // ཆོས་གྲོགས་ : 법우. 도반 // བསམ་གཏན་ : 선정. 명사. 명상가" 27|E|ཝ་ཡེ་ # ཝ་ཡེ་མ་བྱན་བློ་བཟང༌། / མ་བྱན་བློ་བཟང་ཝ་ཡེ་།|ཝ་ཡེ་ : (이름)아(여,이,야)! 예) 철수야! 28|E|མ་ཡེ་ # མ་ཡེ་མ་བྱན་སྐྱིད་འཛོམས། / མ་བྱན་སྐྱིད་འཛོམས་མ་ཡེ་།|སྐྱིད་འཛོམས་ : [인명] 행복이 가득한 29|E|ཀྭས་ # ཀྭས་ཚེ་རིང༌། / ཚེ་རིང་ཀྭས་།| 30|E|སྨད་ # སྨད་བཀྲ་ཤིས་དབྱངས་འཛོམས། / བཀྲ་ཤིས་དབྱངས་འཛོམས་སྨད་།|ཚེ་རིང༌ : [인명] 장수 31|E|ཝས་ # ཝས་ཅོ་རབ་རྒྱས། / ཅོ་རབ་རྒྱས་ཝས་།|